











༄༅། ། ཨ་ཛ་ཏའི་ཆོས་ཚོགས་ཐུན་མོང་རབ་གནས་ཤིང་མོ་སྦྲུལ་གྱི་ལོའི་ས་ག་ཟླའི་ཚེས་ཉེར་དགུ་སྟེ། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་དྲན་ཁྱད་པར་ཅན་དང་སྟབས་བསྟུན། ༸སྐྱབས་རྗེ་གྲུབ་དབང་བླ་མའི་གདན་ས་ཐེག་མཆོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆེད་བཅར་ཐོག ༸སྐྱབས་རྗེ་གྲུབ་དབང་བླ་མ་མཆོག་དང་། ཆོས་སྡེ་འདིའི་བཀའ་དྲིན་རྗེས་སུ་དྲན་པའི་མཚོན་བྱེད་ཙམ་དུ། མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པའི་དཔེ་ལྟར། སྐྱབས་གནས་དགེ་འདུན་བཙུན་པ་བཙུན་མ་ཡོངས་ལ་སྐུ་འགྱེད་ཧིན་སྒོར་སྟོང་རེ་དང་། སློབ་གྲྭའི་འཕྲོད་བསྟེན་ཆེད་ཧིན་སྒོར་འབུམ་བདུན་ལྷག། དགོན་པའི་ཐེབས་རྩར་དམིགས་ཏེ་པད་ནོར་རིན་པོ་ཆེའི་དགེ་རྩ་ཚོགས་པར་བརྒྱུད་ཧིན་སྒོར་འབུམ་ལྔ་བཅུ་ཐམ་པ་ (5,00,0000)བཅས་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བ་ལགས་ན། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། ཁྱད་པར་དུ་གསང་ཆེན་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། ཡང་སྒོས་སུ་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་འགྲུབ་པ་དང་། ཨ་ཛི་ཏའི་ཆོས་ཚོགས་ལ་དངོས་སམ་བརྒྱུད་ནས་འབྲེལ་བའི་སྐྱེ་འགྲོ་རྣམས་གནས་སྐབས་ཚེ་རིང་ནད་མེད་ཆོས་དོན་བསམ་པ་ཡིད་བཞིན་དུ་འགྲུབ་ཅིང་། མཐར་ཐུག་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་རྗེ་གྲུབ་དབང་བླ་མའི་ཞབས་དྲུང་དུ་ཚོམ་བུ་གཅིག་ཏུ་མངོན་པར་རྫོགས་པ་སངས་རྒྱས་པའི་རྒྱུར་ཅིག
གནས་ཚུལ་ཞིབ་ཚགས་དྲྭ་ཚིགས་འདི་ལ་མཛུབ་གནོན་བྱས་ཏེ། ནང་དོན་ཁག་གཟིགས་གནང་ཡོད་པར་ཞུ།།
木蛇年薩嘎達瓦殊勝月29日,恰逢不敗尊者米滂仁波切圓寂紀念日,阿貲達佛學會師生共同前往印度貝諾法王南卓林寺朝拜。兩位上師為答謝本寺的培養及貝諾法王的偉大深恩,向貝諾法王慈善基金會及所有僧尼做供養,並資助小喇嘛醫療費用,祝願整體佛法,特別是舊譯寧瑪派法脈傳承廣為流傳,恩師貝諾法王的偉大宏願圓滿達成。祈願與阿貲達佛學會有緣等一切有情長壽無恙,滿願吉祥,法喜充滿,最終於貝諾法王坐下共成佛果。
南卓林寺感謝狀 reurl.cc/3Kdm9V
